R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༥བ
[A:༦༠༥བ]ཀྲྀཥྞའི་གོས་ཅན་ཤ་ནའི་གོས་ཅན་དང་། །ཉི་མ་གུང་པ་རྒྱལ་རིགས་ཐམས་ཅད་མཁྱེན། །འཕགས་པ་ཀླུ་སྒྲུབ་ཨཱརྻ་དེ་ཝ་དང་། །འཇམ་དཔལ་གྲགས་པ་ཆོས་འབྱུང་ཞི་བ་དང། །རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ་དང་། །པཎ་ཆེན་ཤཱཀྱ་ཤྲཱི་ལྷོ་པ་ཐམས་ཅད་མཁྱེན། །ཀོ་བྲག་རལ་གྲི་ཇོ་གདན་ཟས་གཙང་དང་། ཤངས་པ་གྲགས་སངས་ཞལ་སྔ་བསོད་རིན་དང་། །མཁན་པོ་གཞོན་ཡེ་སེ་སྟོན་འབྱུང་ལྡན་པ། །མང་མཁར་བྱང་སེམས་ཀུན་དགའ་འོད་ཟེར་ཞབས། །སྟོན་པ་གཞོན་ཚུལ་ཀུན་སྤངས་ཆོས་གྲགས་པ། །མ་ཏི་པཎ་ཆེན་ས་བཟང་འཕགས་པ་དང་། ངོར་ཆེན་ཀུན་བཟང་རྒྱལ་ཚབ་ཀུན་དབང་དང་། །རཏྣ་ཝརྡྷ་དཀོན་མཆོག་ལྷུན་གྲུབ་ཞབས། །དཀོན་མཆོག་དཔལ་ལྡན་ཐར་རྩེ་པཎ་ཆེན་གཉིས། །དེ་ལས་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ཞབས། །བྱམས་པ་ངག་དབང་རྣམ་རྒྱལ་ཀུན་བཀྲས་ཞབས། །བསོད་ནམས་རིན་ཆེན་ཀུན་དགའ་བློ་གྲོས་དང་། །རིན་ཆེན་རྒྱལ་མཚན་ཀུན་དགའ་བཀྲ་ཤིས་ཞབས། །ཡབ་རྗེ་ཀུན་རིག་རྡོ་རྗེ་རིན་ཆེན་དང་། །སྐལ་བཟང་ཆོས་ཉིད་ཀརྨ་རཏྣའི་ཞབས། །མཉྫུ་བྷ་དྲས་བདག་