[A:༦༠༨ན]མོས་མཛད་པའི་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། སོགས་ཀྱི་ཡན་ལག་བདུན་པ་མཎྜལ་བཞི་ཆོག་ནང་བཞིན། དེའི་འདོད་གསོལ་རྗེ་བཙུན་རིན་པོ་ཆེས་མཛད་པའི་རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་བློ་གྲོས་རྒྱལ་མཚན། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཀུན་དགའ་བཀྲ་ཤིས། བླ་མ་ལུང་རིག་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བཟང། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འབྲི་གུང་མཁན་ཆེན་རྣམ་རྒྱལ་མགོན་པོ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། སྔགས་འཆང་ཚེ་དབང་བཀྲ་ཤིས། ཐུ་བཙུན་བྱམས་པ་ངག་དབང་ཀུན་བསོད། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། མཁན་ཆེན་ངག་དབང་ཨུརྻན། མཁན་ཆེན་བྱམས་པ་དགོན་བཟང། གྲུབ་དབོན་བསྟན་འཛིན་ཕུན་ཚོགས། ཡབ་རྗེ་བསོད་ནམས་རིན་