R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༨བ
[A:༦༠༨བ]ཆེན། ས་ཆེན་ཀུན་དགའ་བློ་གྲོས། ལྷ་ཁང་མཁན་ཆེན་ཆོས་བཀྲ་ཤིས། མཁན་ཆེན་ཀུན་དགའ་རབ་རྒྱས། ཆོས་དཔལ་འབྱོར། ངག་དབང་གྲགས་པ། བློ་གྲོས་རྒྱ་མཚོ། གྲུབ་དབང་རྡོ་རྗེ་རིན་ཆེན། རྗེ་བཙུན་སྐལ་བཟང་ཆོས་ཉི་མན་གོང་བཞིན་ནོ། ། དེ་གྲས་རྒྱལ་བའི་དཀྱིལ་འཁོར་སོགས་ཤོ་ལོ་ཀ་བཟང་སྤྱོད་ནས་བྱུང་ཞིང། བདག་གི་ཚེ་རབས་སྔོན་ནས་སོགས་མཛད་པོ་མ་ངེས། འཕགས་མ་སྒྲོལ་མ་སོགས་ཚིག་བསྒྱུར་མ་གཏོགས་བདག་ཅག་གི་སྟོན་པས་དང་པོར་ཐུགས་བསྐྱེད་པའི་མདོ་ཚིག་ཡིན། ཁྱེད་ལ་བསྟོད་ཅིང་སོགས་ཆོས་རྒྱལ་ཁྲི་སྲོང་གི་གསུང་དུ་གྲགས་པས་ལུང་བརྒྱུད་ཚོལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་དང་། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་མདོ་སྒྲུབ་ཅེས་པ་ཐོབ་པའི་བརྒྱུད་པ་ནི། གནས་གསར་རྗེ་ནས། ཀུན་བློས་གསན་པའི་གསན་ཡིག་ན་གསལ། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནོར་རྒྱུན་མའི་བསྟོད་པ་ལས་བྱུང་བའི་འདོད་གསོལ་འགྲོ་ལ་བདེ་སྐྱིད་མའི་ལུང་བརྒྱུད་འཆི་མེད་དཔལ་སྦྱིན་མ་དང་འདྲ། རི་ཁྲོད་མའི་སྒྲུབ་ཐབས་འཕགས་པས་མཛད་