R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༩ན
[A:༦༠༩ན]པའི་བསྟོད་པ་དང་བཅས་པའི་ལུང་བརྒྱུད་ནི། འཕགས་པ་ནས། གོང་རྗེ་བཙུན་གྱི་སྒྲོལ་མའི་འདོད་གསོལ་ལྟར་རོ། ། ཇ་མཆོད་སྐོར་ལ། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཡབ་འཇམ་དབྱངས་ནམ་མཁའ་དོན་གྲུབ་ཚེ་བརྟན་བཀྲ་ཤིས་དཔལ་བཟང་པོས་མཛད་པའི་སྐལ་བཟང་འཆི་མེད་མའི་ལུང་བརྒྱུད་ནི། མཛད་པ་པོ་ནས། སྔགས་འཆང་ཆེན་པོ། བསོད་ནམས་དབང་པོ། ཨ་མེས་ཞབས། ཀུན་དགའ་བཀྲ་ཤིས། བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་འདྲ། རྗེ་བཙུན་རིན་པོ་ཆེས་མཛད་པའི་ཧེ་རུ་ཀ་དཔལ་མ་དང་། གསང་ཕུ་བ་དོན་གྲུབ་ལེགས་བཟང་གིས་མཛད་པའི་ཨོཾ་ལས་མའི་བརྒྱུད་པ་སླར་ཚོལ་རྒྱུ། འཇམ་མགོན་བསོད་ནམས་དབང་པོས་མཛད་པའི་ཕུན་ཚོགས་གཙུག་ནོར་མའི་ལུང་བརྒྱུད་མཛད་པ་པོ་མན་གོང་བསྐལ་བཟང་འཆི་མེད་མ་བཞིན་ནོ། །འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་འཆི་མེད་དཔལ་སྟེར་མ་དང་། ངོ་མཚར་ཕུན་ཚོགས་གཉིས་ཀྱི་བརྒྱུད་པ་ཡང་མཛད་པ་པོ་ནས། བཤད་མ་ཐག་པ་ལྟར་རོ། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་དག་དཀྱིལ་འཁོར་མ། དཔལ་ལྡན་བླ་མ་རྣམས་ལ་