[A:༦༡༡ན]ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན་ལས་ཐོབ་པ་དང་འདྲ་སྟེ། ཡབ་རྗེ་རྡོ་རྗེ་འཆང་ལས་མཁན་ཆེན་འཇམ་དཔལ་བཟང་པོ། དེས་ཁོ་བོ་ལའོ། །སྔགས་འཆང་ཆོས་ཀྱི་རྒྱལ་པོས་ས་ལོའི་ཕྱག་ལེན་བཞིན་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་ལྷ་དང་འབྱུང་པོ་ཐ་མི་དད་པའི་གཏོར་བསྔོ་དང་། དེ་བཞིན་བདེ་མཆོག་ནག་པོ་ལུགས། གུར་མགོན་ལྷ་བརྒྱད་སྦགས་སྒྲུབ། བསྙེན་དུས་ཀྱི་ཞལ་བཞི་དུར་བདག། དཀར་བདུད་ཕུར་སྲུང་རྣམས་ཀྱི་གཏོར་བསྔོ་དང་། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ། བཟླས་པའི་རིམ་པ། ཕྱི་མཆོད་ནང་མཆོད། ཕྲིན་བཅོལ། འཕགས་པ་རིན་པོ་ཆེས་མཛད་པའི་ཆོས་སྐྱོང་སྤྱིའི་བཤགས་པ་ཚིགས་ལྷུག་གི་མཐར་ཚིགས་བཅད་ཁ ཤས་དང་། བསྟོད་པ་སངས་རྒྱས་བསྟན་སྲུང་མ་བསྡུས་པ་ལྷ་ཡི་ཚོགས་རྣམས་མ་དང་བཅས་པ། བརྟག་གཉིས་ནས་བྱུང་བའི་རྡོ་རྗེའི་གླུ། མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་སྨོན་ལམ། སྤྱི་སྟབས་ཕྲིན་བཅོལ་བཅས་པ་ཡིག་རྙིང་མཇུག་ཆོག་བཅས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་གཏོར་བསྔོ་ཆེན་མོར་གྲགས་པའི་བརྒྱུད་པ་ནི། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་