[A:༦༡༡བ]བསོད་ནམས་དབང་པོ། འཇམ་མགོན་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས་མན་བསང་དཔེ་ལྟར་ལ། རྗེ་བཙུན་སྐལ་བཟང་ཆོས་ཉི་ལས། ཀུན་དགའ་སྙིང་པོས་གསན། དེ་ལས་བདག་ཆེན་ཀརྨ་རཏྣས་གསན་པ་ཁྱད་པར་རོ། །
སྐོང་བ་ལ་ནག་པོ་མཆོད་རྟེན་དང་། སྐོང་བ་ཆོས་ཉིད་མའི་ལུང་བརྒྱུད་གོང་དུ་སོང་ནས། ས་ཆེན་གྱིས་མཛད་པའི་གཏུམ་ཆེན་མའི་ལུང་བརྒྱུད། འཇམ་དབྱངས་ཀུན་བཀྲས་ཡན་བཙལ་དགོས། དེ་ནས་སྔགས་འཆང་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་འདྲ། མལ་ལོས་མཛད་པའི་སྐོང་བ་སྐུ་གསུང་ཐུགས་མའི་བརྒྱུད་པ་ནི། མཛད་པ་པོ་ནས། ས་སྐྱ་པ་ཆེན་པོ། ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིངས་པ་ཆེན་པོ། ཚར་ཆེན་རྡོ་རྗེ་འཆང། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག། གྲུབ་མཆོག་བསོད་ནམས་ཆོས་འཕེལལ། མཁན་ཆེན་ངག་དབང་ཆོས་གྲགས།