R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡༣བ
[A:༦༡༣བ]པའི་གང་ཐུགས་མའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན་པ། མཁན་ཆེན་བྱང་སེང་། ཤར་ཆེན་ཡེ་རྒྱལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱབ་ཚབ་ཀུན་དབང། ཡོངས་འཛིན་ཀུན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང། འཇམ་དབྱངས་ཀུན་དགའ་བསོད་ནམས། པཎ་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་མགོན་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན་མན་འདྲ། ནག་རྔམས་མའི་བརྒྱུད་པ་ནི། ཐེག་ཆེན་རིན་པོ་ཆེ། རྫོང་པ་ཀུན་དགའ་རྒྱལ་མཚན། ནམ་མཁའ་ལྷུན་བཟང། དཔལ་འཛིན་བཟང་པོ། ཀུན་དགའ་རྣམ་རྒྱལ། ཀུན་དགའ་རྒྱལ་པོ། ཚེ་དབང་བཀྲ་ཤིས། ཚར་ཆེན། མཁྱེན་བརྩེ། ཏཱ་ར་བ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། བསྟན་པ་རྒྱ་མཚོ། རྗེ་བློ་གྲོས་དབང་ཕྱུག། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་གོང་ལྟར་རོ། ། གང་སྐུ་མའི་