R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡༣ན
[A:༦༡༣ན]སྐོང་བཤགས་ཕྲིན་བཅོལ་དང་བཅས་པ་དཔལ་གྱི་བསྟན་སྐྱོང་མ། ཆོས་སྐྱོང་སྤྱིའི་ཕྲིན་བཅོལ་རྣམས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། དེ་ནས་གོང་བསྐང་གསོའི་རིགས་ཚང་མ་གྲུབ་དབང་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། ས་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་བཀྲ་ཤིས་ཆོས་འཕེལ། ཡབ་རྗེ་ཀརྨ་རཏྣ། ངག་དབང་ཀུན་དགའ་རིན་ཆེན། མཁན་ཆེན་རྡོ་རྗེ་འཆང་འཇམ་དཔལ་བཟང་པོ། དེས་ཁོ་བོ་ལའོ། ། བསྟོད་པའི་སྐོར་ལ། མགོན་བསྟོད་སྲིན་གཟུགས་མ། སྔོན་ཚེ་མ། གང་ཐུགས་མ། མ་སྐྱེས་མཁའ་ཀློང་མ། ཧཱུཾ་ཡིག་མ། ལྷ་མོའི་བསྟོད་པ་གང་སྐུ་མ། ཏིལ་མར་མ། རྒྱ་ཀློང་མ། མི་ཕམ་མ། ཞལ་གྱི་བསྟོད་པ་དཔལ་དབང་མ། རྡོ་རྗེ་འཆང་དབང་མ། པཾ་པད་རཾ་ཉི་མ། སྟོང་ཉིད་མ། གནོད་སྦྱིན་ཡབ་ཡུམ། པུ་ཏྲ་བྷ་ཏྲ་སྲིང་མོ། སྒོ་མ། དཀར་བདུད། ཕུར་སྲུང་རྣམས་ཀྱི་བསྟོད་པ། སངས་རྒྱས་བསྟན་སྲུང་མ་རྒྱས་བསྡུས། ནག་རྔམས་མ། རབ་འབར་མ་རྣམས་སོ་སོ་སྡེ་ཚན་དུ་བསྡུས་