R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡༧ན
[A:༦༡༧ན]དབྱངས་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་བླ་མ་བརྒྱུད་པར་གསོལ་བ་འདེབས་པ་དངོས་གྲུབ་རྒྱ་མཚོ་དང་། སྒྲུབ་ཐབས་གསལ་བྱེད་བདུད་རྩིའི་འོད་ཅན་ལ་སྔགས་འཆང་ཆེན་པོས་མཆན་གནང་བ་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། སྔགས་འཆང་ཆེན་པོ། གྲུབ་མཆོག་བསོད་ནམས་དབང་པོ། ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་ཀུན་དགའ་བཀྲ་ཤིས་མན་གོང་བཤད་མ་ཐག་པ་ལྟར་རོ། ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་མཛད་པའི་རྡོ་རྗེ་ཕུར་པའི་དཀྱིལ་ཆོག་ཡིད་འོང་བློ་གྲོས་ཁ་འབྱེད་བཞིན་ལ་རིན་ཆེན་དོ་ཤལ་དུ་ཞལ་འཕངས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བློ་གསལ་རྣམས་ཀྱི་རྟོགས་སླ་བ་ཡིད་ཀྱི་མུན་སེལ་གྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། མཁན་ཆེན་དོན་གྲུབ་ལེགས་བཟང། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འཇམ་མགོན་བསོད་ནམས་རིན་ཆེན། ངག་དབང་