[A:༦༡༧བ]ཀུན་དགའ་བློ་གྲོས། ཆོས་རྗེ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། ངག་དབང་རྡོ་རྗེ་རིན་ཆེན། རྗེ་བཙུན་རྟ་མགྲིན་དབང་མོ། ཀུན་སྙིང་བསམ་འཕེལ་ནོར་བུ། དྲག་ཤུལ་ཕྲིན་ལས་རིན་ཆེན། མཁན་ཆེན་མཉྫུ་ཤྲཱི་བྷ་དྲ། དེས་བདག་ལའོ། །ཕུར་པའི་སྒྲུབ་ཐབས་བཀླགས་པས་དོན་གྲུབ་པའི་ལུང་བརྒྱུད་ནི། ས་ལོ་ཐམས་ཅད་མཁྱེན་པ། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་མགོན་ཨ་མེས་ཞབས། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྗེ་བཙུན་མ་ཀུན་དགའ་བསྟན་པའི་ཉི་མ། ས་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན། ངག་དབང་རྡོ་རྗེ་རིན་ཆེན། སྐལ་བཟང་ཆོས་ཀྱི་ཉི་མ། ཀུན་དགའ་སྙིང་པོ་མན་གོང་འདྲ། ཕུར་པའི་གཏོར་བཟློག་ལྷན་ཐབས་གནམ་ལྕགས་རྡོ་རྗེའི་མེ་དབལ་གྱི་ལུང་བརྒྱུད་ནི། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བཀྲ་ཤིས་ཡན་གོང་ལྟར་ལ། དེ་ནས་བླ་མ་དཀོན་མཆོག་རྒྱལ་པོ། རྗེ་བཙུན་མ་ཀུན་དགའ་བསྟན་པའི་ཉི་མ། ས་ཆེན་ཀུན་དགའ་བློ་གྲོས་མན་འདྲ། ཕུར་སྲུང་བཟློག་བསྐུལ་