[A:༦༢༠ན]རྡོ་རྗེ་འཆང་ཀརྨ་རཏྣའི་གསན་ཡིག་ནང་གསང་བདག་དཔལ་ཆེན་འོད་པོ་ལས། ཀུན་བསོད་ཀྱི་སྒྲུབ་དཀྱིལ་བྱིན་རླབས་ཀྱི་ཆོ་ག་བཅས་པའི་སྟེང་ནས་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཐོབ་པར་གསུངས་པ་དང་འདྲའམ་སྙམ། གཞན་ཡང་ས་ཆེན་ཀུན་བློའི་གསུང་ལན་གཏོར། བྲུལ་གཏོར། སྲི་གནོན་ལེ་ཚན། ཕུར་པའི་རབ་གནས། དམ་ཚིག་བསྐང་གསོ། ཙི་དམར་དང་། བསེ་ཁྲབ་ཀྱི་རྒྱལ་གསོལ། གུར་མགོན་ཁྲོ་བཅུའི་གཏོར་བཟློག་དང་སྦྱིན་སྲེག །ཞལ་གྱི་གཏོར་བཟློག །ཀྱེ་རྡོར་བསྙེན་ཐབས་སྦྱིན་སྲེག་དང་བཅས་པ་དེ་རྣམས་རྡོ་རྗེ་འཆང་ཀརྨ་རཏྣའི་གསན་ཡིག་ཏུ་ལུང་རྒྱུན་གསལ་བར་མ་འཁོད་ཀྱང། དེ་ལས་ཐོབ་པའི་མཁན་ཆེན་འཇམ་དཔལ་བཟང་པོའི་གསན་ཡིག་ན་འཁོད་འདུག་པ་བཞིན་ལུང་ཐོབ་ཅིང་བརྒྱུད་པ་ཡབ་རྗེ་ཀུན་སྙིང་སོགས་ཀྱི་གསན་ཡིག་ནས་ཚོལ་དགོས། ཐར་རྩེ་བྱམས་པ་ནམ་མཁའ་འཆི་མེད་ཀྱིས་མཛད་པའི་སྒྲོལ་མ་གཡུལ་མདོས་དང་། ཤེར་སྙིང་བདུད་བཟློག་གི་ལུང་བརྒྱུད་སྒ་ངག་དབང་ལེགས་པ་རིན་པོ་ཆེ་ཡན་གྱི་བརྒྱུད་པ་རྩད་གཅོད་དགོས་ཤིང་། དེ་མན་ལེགས་པ་རིན་པོ་ཆེ་ནས།