[A:༦༡༩བ]ཁོ་བོ་ལའོ། །
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷཱུ་རའི་དཀྱིལ་འཁོར་དུ་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚར་ཆེན་རྡོ་རྗེ་འཆང་གི་མཛད་པའི་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་གནས་གསར་རྗེས་ནག་འགྲོས་བཀླག་ཆོག་ཏུ་བཀོད་པ་དང་། ཞྭ་ལུ་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་གི་བྱིན་རླབས་ཀྱི་ཆོ་ག་བདེ་ཆེན་སྤྲིན་སྒྲའི་སྟེང་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང་། དེའི་སྒྲུབ་དཀྱིལ་གྱི་ལུང་རྣམས་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་དང་། མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། རྗེ་བཙུན་པདྨ་ཕྲིན་ལས། གཟིམས་འོག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། གཙང་པ་སྤྲུལ་སྐུ་རིན་པོ་ཆེ་བྱམས་པ་ཀུན་དགའ་རྒྱལ་མཚན། དཔོན་སློབ་ཡོན་ཏན་རྒྱ་མཚོ་བཅས་ལས། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་འཇམ་དཔལ་བཟང་པོས་སྔ་ཕྱིར་ལེགས་པར་གསན་འདུག་ཅིང། དེས་ཁོ་བོ་ལ་གནང་པས་ས་ངོར་ཚར་གསུམ་གྱི་བརྒྱུད་པའི་བྱིན་རླབས་གཅིག་འདྲེས་སུ་གྱུར་ཏོ། །
འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་སྒྲུབ་དཀྱིལ་གྱི་ལུང་བརྒྱུད་