R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༦ན
[A:༦༢༦ན]གཤར་ཁྲིད་ཀྱི་ཚུལ་དུ་ནོས་སོ། ། གསུམ་པ་རྒྱབ་བརྟེན་ལུང་གི་རིམ་པ་ལ། རྗེ་གཤོངས་ཆེན་རི་ཁྲོད་པ་མཁས་བཙུན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་དཀར་ཆག་ཏུ་ཆོས་སྣ་ཞེ་བདུན་གྱི་ངེས་ཁྲིད་སྩལ་བ་ལྟར་སྔ་ཐོག་ཡོད་འདུག་ཀྱང་། བར་སྐབས་སུ་འགའ་ཞིག་དཔེ་རྒྱུན་ནུབ་ཅིང་ལ་ལ་མ་ཚང་བས་དེང་སང་གི་དུས་དཀར་ཆག་དེ་ལྟར་བསྒྲིགས་པར་རྔོ་ཐོགས་པར་མི་སྣང་ཡང་། རྩ་བའི་ཡིག་ཆ་ཇི་ཙམ་རྙེད་པའི་ཁར། བརྒྱུད་པའི་བླ་མ་ཕྱི་མ་རྣམས་ཀྱིས་མཛད་པའི་དཔེ་ཆའི་རིགས་ཀྱང་གསར་དུ་བསྣན་པའི་ཆོས་སྐོར་གྱི་བཞུགས་བྱང་བསྟན་འཛིན་རིན་པོ་ཆེ་བདུན་པ་ཡེ་ཤེས་ལྷུན་གྲུབ་དཔལ་བཟང་པོས་མཛད་པ་ལྟར་ཐོབ་པ་ལ།
(ཀ)
པ་ལ་རྗེ་དེ་ཉིད་ཀྱིས་མཛད་པའི་དཀར་ཆག་དགོས་པ་ཀུན་ཚང་།
(ཁ)
པ་ལ་མ་གཅིག་གི་རྣམ་ཐར་མཛད་པ་བཅོ་ལྔ་པ་རྗེ་གཤོངས་ཆེན་པ་མཁས་བཙུན་པས་མཛད་པ།
(ག)
པ་ལ་ཡབ་རྗེ་གྲུབ་པའི་དབང་པོས་སྤྱོད་ཡུལ་ཉམས་བཞེས་གཙོ་བོར་གྱུར་པའི་རྣམ་ཐར་འཇམ་དབྱངས་ནམ་མཁའ་ལེགས་པས་གསུངས་པ།
(ང)
པ་ལ་འཇམ་དབྱངས་ལེགས་པའི་རྣམ་ཐར་