R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༩ན
[A:༦༢༩ན]བྱང་བྱ་ཚུལ་འབྱུང་བཞི་ལ་བཏང་ཚུལ་ཁྱད་པར་ཅན།
(སི)
པ་ལ་ཕུང་པོ་ཚོགས་འབུལ་ཚིགས་བཅད་དམ།
(ཧི)
པ་ལ་མཁའ་འགྲོའི་ཚེ་སྒྲུབ་ཏིང་འཛིན་འཆི་མེད་དབང་བསྐུར་བཀའ་རྒྱ་མ་རྣམས་ལས་གྲུབ་དབང་མན་ཆད་ཀྱི་བླ་མའི་རྣམ་ཐར་ཞལ་གསུང་མ་དང་། བླ་མ་ཕྱི་མས་མཛད་པ་ཅི་རིགས་ཡོད་ལ། རྡོ་རྗེའི་ཚིག་རྐང་བརྒྱུད་པ་ཕྱི་མས་མཛད་པའི་ཡི་གེ་ལེ་ཚན་གསུམ་བཅས་གོང་དུ་སྨོས་པ་ལྟར་དང་། དབང་སྤྱིའི་སྔོན་འགྲོ་ས་དམིགས་དང་ཆུ་དམིགས་བརྟགས་ཐབས་གཉིས་ཉེར་མཁོའི་སླད་གཞན་ནས་བླངས་པ་ཡིན་ནམ་སྙམ་ཞིང་། དེ་མ་གཏོགས་སྔར་བརྗོད་པ་རྣམས་ཡབ་རྗེ་གྲུབ་པའི་སྤྱི་མེས་ནས་འཇམ་དབྱངས་མཁས་བཙུན་པ་ཆེན་པོའི་བར་སྙན་དུ་བརྒྱུད་པའི་ཟབ་དོན་འཇམ་དབྱངས་ཆེན་པོས་ཡི་གེའི་ལམ་དུ་སྣང་བར་མཛད་པ་བྱིན་རླབས་ཀྱི་སྤྲིན་ཕུང་གཡོ་བ་འབའ་ཞིག་ཡིན་ལ། ཕྱི་སྙན་བརྒྱུད་འཛིན་པ་གཞན་གྱིས་མཛད་པ་ལ།
(ཨི)
པ་ལ་རོ་སྲེག་ཡེ་ཤེས་མེ་འབར་སངས་རྒྱས་མཆོག་གྲུབ་ཀྱི་གསུང་། ཨོ་རྒྱན་ཡོངས་གྲགས་ཀྱི་ཡིག་ཆར། བརྒྱུད་པ་འདི་པས་གཙིགས་ཆེར་མི་མཛད་ཀྱང། ལེགས་