R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༩བ
[A:༦༢༩བ]པར་བཤད་པའི་ཆ་མང་དུ་སྣང་བས་དཀྱུས་དུ་བསྡེབས་པ་ལ།
(ཀུ)
པ་ལ་རབ་འབྱམས་ཆོས་རྗེ་སངས་རྒྱས་མཆོག་གྲུབ་ཀྱི་རྣམ་ཐར་གསོལ་འདེབས་སྐལ་ལྡན་གདུང་བའི་སྨྲེ་ངག །
(ཁུ)
པ་ལ་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དཔག་བསམ་རབ་རྒྱས།
(གུ)
པ་ལ་རྡོ་རྗེ་ཕག་མོའི་མཆོད་ཆོག་འདོད་རྒུའི་དཔལ་སྟེར།
(ངུ)
པ་ལ་རྡོ་རྗེ་ཕག་མོའི་སྨིན་བྱེད་ཟབ་དབང་གི་ཆུ་བོ་ཆེན་མོ།
(ཅུ)
པ་ལ་སློང་ཚར་ཆོད་གསུམ་གྱི་ངོས་འཛིན་གྲགས་པའི་མིང་ཅན་གྱིས་ཕུལ་བ་དགེའོ་ཞེས་པའི་མཐའ་ཅན།
(ཆུ)
ཕ་ལ་མཁའ་འགྲོའི་གདན་བཞུགས་འཆི་མེད་གཡུ་དྲུང་བཀོད་པ་རྣམས་སོ།
(ཇུ)
པ་ལ་རྡོ་རྗེ་ཕག་མོའི་སྒྲུབ་དཀྱིལ་གྱི་ཆོ་གའི་ངག་འདོན་བཀླག་ཆོག་ཏུ་སྤེལ་བ་བརྒྱུད་པ་བཞི་ལྡན་ཟབ་མོའི་ཆོས་ཀྱི་བསྟན་པ་རྒྱས་བྱེད་དང་། དཀར་ཆག་ཏུ་མ་འཁོད་པ་གསང་སྤྱོད་སྙན་བརྒྱུད་སྐོར་གྱི་བསྙེན་པའི་ལག་ལེན་ཁ་ཡར་བཀླག་ཆོག་ཏུ་བཀོད་པ་ལ། ནང་གསང་སུ་སྐུ་རྡོ་རྗེ་ཕག་མོ། གསུང་ཕཊ་བསྙེན། ཐུགས་ཡུམ་ཆེན་མོ། ཡོན་ཏན་མཁའ་འགྲོ་སྡེ་ལྔ་རྣམས་ཀྱི་བསྙེན་ཡིག་འཕྲོས་དོན་དང་བཅས་པ་དང་། ཆོས་བདག་ཁྲོས་མའི་བསྙེན་ཡིག་ཟིན་བྲིས་ཧྲག་བསྡུས།