R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༠བ
[A:༦༣༠བ]བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་རྒྱལ་སྲས་ཞི་བའི་བློ་གྲོས་སམ་ཀུན་བཟང་འགྱུར་མེད་ལ། དེས་སི་ཏུ་བཅུ་པ་ཆོས་ཀྱི་རྒྱལ་མཚོ། ཡང་འཇམ་དབྱངས་བླ་མས་སྟོང་ཟ་བ་སིདྡྷི། འདི་ལས་དབང་རྣམས་དང་། ཁྲིད་ལུང་མགྱོགས་མ་ཞིག་ལས་སྨིན་ཁྲིད་དངོས་མིན། སྨིན་ཁྲིད་ནི་ཀུ་བཟང་འགྱུར་མེད་དོ། །དེ་ལས་སྐྱང་སི་ཏུ་ནས། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་དྲིན་ཅན་བླ་མ་རྡོ་རྗེ་འཆང་བྱ་བྲལ་བ་ཐུགས་རྗེ་མྱུ་གུ དེས་ཁོ་བོ་འཁོན་རིགས་པ་ལ་དགྱེས་བཞིན་དུ་གནང་བའོ། ། ཁྲིད་ཀྱི་བརྒྱུད་པ་ནི། གྲུབ་དབང་རྡོ་རྗེ་དཔལ་འབྱོར་ནས། དགེ་སློང་རྣམ་རྒྱལ་ཚེ་འཕེལ། རྗེ་བཙུན་ངག་དབང་དཀོན་མཆོག་གྲུབ་རིགས་ངག་དབང་ཡོངས་གྲགས་མན་ཆད་གོང་དང་འདྲའོ། ། དེ་ཡན་གྱིས་རིམ་པར་ཕྱེ་བ་བརྒྱད་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཐུགས་རྗེས་བཟུང་བའི་བྱ་བྲལ་བ་ཆེན་པོ་ལས་ནོས་སྐོར་རྫོགས་སོ། །