R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༠ན
[A:༦༣༠ན]རྣམས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་མཛད་པ་བཅས་ལེགས་པར་ཐོབ་པ་ལས། ཐོག་མར་དབང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་ཁབ་ཀྱི་སྒྲོལ་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། འཇམ་དབྱངས་ནམ་མཁའ་ལེགས་པ། མཁས་གྲུབ་ཤཱཀྱའི་མཚན་ཅན། ཕ་རྒོད་རྒྱལ་མཚན་དཔལ་བཟང། མཁས་བཙུན་གཤོངས་ཆེན་པ་བསྟན་པ་རྒྱལ་མཚན།་འཁྲུལ་ཞིག་ཡོན་ཏན་གྲགས་བཟང། གླང་མཁར་བ་མང་ཐོས་མཚན་ཅན། བྱ་བཏང་ནོར་བུ་རྒྱལ་མཚན། གྲུབ་དབང་རྡོ་རྗེ་དཔལ་འབྱོར། ཆུ་བཟང་རིན་པོ་ཆེ་མི་ཕམ་འཇམ་དཔལ་བཤེས་གཉེན། རི་བོ་ཆེ་པ་གྲུབ་རིགས་དང་དབང་ཡོངས་གྲགས། བསྟན་འཛིན་བདུན་པ་ཡེ་ཤེས་ལྷུན་གྲུབ། དེ་ལས་འབྲས་ལྗོངས་སྤངས་སྟོན་ཐུགས་སྲས་མཁས་གྲུབ་ཀུན་བཟང་པདྨ་ཚེ་དབང། བླ་མ་དགེ་སློང་བློ་བཟང་བསྟན་འཕེལ། དེ་གཉིས་ཀ་ལས་བསྟན་འཛིན་བརྒྱད་པ་བློ་བཟང་མཁྱེན་རབ་མཐུ་སྟོབས། དེས་བཀའ་བབས་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་