R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༢བ
[A:༦༣༢བ]ངེས་འབྱུང་ཁྲིམས་ཀྱི་ཡུ་བ་རབ་བརྟན་ཅིང། ། གཞན་ཕན་བྱང་ཆུབ་སྤྱོད་པའི་ལྷབ་ལྷུབ་གཡོ། ། རིམ་གཉིས་ནོར་བུའི་ཏོག་གིས་རྣམས་པར་མཛེས། ། བཤེས་གཉེན་བསྟན་པའི་རྒྱལ་མཚན་མཆོག་རྣམས་རྒྱལ། ། སྐྱེ་བར་གོམས་པའི་ལེགས་སྨོན་ཤུགས་དྲག་པོ། ། དུས་སུ་སྨིན་ལས་དམ་པའི་ཚོགས་རྣམས་ཀྱིས། ། ལེགས་བཤད་གྲུ་ཆར་འདོད་རྒུར་སྩལ་ཇི་སྙེད། ། དོན་གཉིས་འབྱུང་ཕྱིར་ཡི་གེའི་ལམ་དུ་འགོད། ། ཅེས་མཆོད་བརྗོད་དང་དམ་བཅའ་སྔོན་ཏུ་བཏང་ནས། རིམ་པར་ཕྱེ་བ་དགུ་པ་དགེ་བའི་བཤེས་གཉེན་གཞན་ནས་ཐོབ་པའི་ཆོས་མཚན་འགོད་པ་ནི། །ཐོབ་མར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོའི་ཡོངས་འཛིན་སྐུ་བགྲེས་པ་འབྲས་སྤུངས་གླིང་ཚང་སྤྲུལ་པའི་སྐུ་ལས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་། ཡོངས་འཛིན་རིན་པོ་ཆེ་སྐུ་གཞོན་ཁྲི་བྱང།