R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༣ན
[A:༦༣༣ན]མཆོག་ནས་ཇོ་ལུགས་སྒྲོལ་དཀར་དབང་ཐོབ་པ་གཉིས་ཀྱི་བརྒྱུད་པ་ཕལ་ཆེར་སྒྲུབ་བཏུས་སྐབས་དང་འདྲ་ཡང་ཁ་སྐོང་མི་འདྲ་བ་དང་ཡིག་ཆ་བཙལ། ༈ ངོར་ཕན་ཁང་མཁན་རིན་པོ་ཆེ་ངག་དབང་མཁས་གྲུབ་རྒྱལ་མཚོའི་སྐུ་མདུན་ནས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་པོད་བཞིའི་ལུང་ནོས་པའི་བརྒྱུད་པ་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེས་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ་ལས་གསན་ཅིང། པོད་དང་པོ་ཐར་རྩེ་བྱམས་པ་ཀུན་བསྟན་ལས་གསན་པར་གསུངས་པས། དེ་ནས་བརྒྱུད་པ་ཡིན་ཤས་ཆེ་བས་མཁྱེན་བརྩེའི་གསན་ཡིག་ལྟར་ལ་ཁ་སྐོང་རྩད་དགོས་དང་། གདན་སའི་ཡོངས་འཛིན་དགེ་འཕེལ་དཔོན་སློབ་བྱམས་པ་ཀུན་དགའ་རྒྱལ་མཚན་དང་། རྒྱ་དཔོན་བྱམས་པ་བརྩོན་འགྲུས་ཡར་འཕེལ། དཔོན་སློབ་ཀུན་དགའ་ཚེ་དབང་བཅས་ནས་ཚོགས་འདོན་སྐོར་གྱི་དཔེ་ཆ་བློར་