R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣ན
[A:༦༣ན]ལེགས་གྲུབ། མཁན་ཆེན་བྱམས་པ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན་མན་འདྲ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རྩ་རླུང་འཁྲུལ་འཁོར་ལ་བརྟེན་ནས་རྣལ་འབྱོར་པ་རྣམས་ཟབ་ལམ་བྱང་ཆུབ་སྒྲུབ་པའི་རིམ་པ་བཀླག་ཆོག་མའི་བརྒྱུད་པ་ནི། མཛད་པ་པོ་ནས། མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་བར་ལམ་འབྲས་རྩ་བའི་བརྒྱུད་པ་ལྟར་རམ། ཡང་ན། འདྲ་མིན་བཅས་གོང་ངོར་ཆེན་གྱི་རྣམ་དག་མ་དང་འདྲའོ། ། ཆོས་རྗེ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱི་མཛད་པའི་ལུས་སྦྱོང་དང་འཁྲུལ་འཁོར་གྱི་ལག་ལེན་གསལ་བར་འདོམས་པ་སྔགས་འཆང་རིན་པོ་ཆེའི་དོ་ཤལ་ཉིད་ལུང་རྒྱུན་མ་ཞུགས་པས་འཇམ་དབྱངས་བློ་གཏེར་དབང་པོས་གཏུམ་མོའི་མེ་དྲོད་རང་འབར་ཞེས་བྱ་བར་མཚན་བསྒྱུར་ཏེ་ལུང་སྤེལ་གནང་བ་ལགས། ཡང་བདག་ཆེན་གྱི་གསུང་བརྡ་དོན་གསལ་བའི་ཁྲིད་ཡིག །ལམ་སྦས་ཏེ་བཤད་པའི་མན་ངག་གི་ཟིན་བྲིས། འཁོར་འདས་དབྱེར་མེད་