R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣བ
[A:༦༣བ]ཀྱི་ཁྲིད་ཡིག་བཅས་ཀྱི་བརྒྱུད་པ་ནི། འདྲ་མིན་གཉིས་ཀ་གོང་དམ་ཚིག་རྣམ་བཤད་ལྟར་རོ། ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ལོ་རྒྱུས་དང་དམིགས་གནད་ཅུང་ཟད་བཤད་པའི་ཡི་གེའང་ལུང་རྒྱུན་མ་བཞུགས་པ་་་འཇམ་དབྱངས་བློ་གཏེར་དབང་པོས་ལུང་སྤེལ་གནང་བའོ། ། བདག་ཆེན་གྱིས་མཛད་པའི་རྡོར་དྲིལ་རྣམ་བཤད་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་ཀུན་བློ་ཡན་གོང་དམ་ཚིག་རྣམ་བཤད་དང་འདྲ་ཞིང་། དེ་ནས་ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན་མན་གོང་འདྲའོ། ། ཡང་བདག་ཆེན་གྱིས་མཛད་པའི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཤིན་ཏུ་གསལ་བའི་བརྒྱུད་པ་ནི། མཛད་པ་པོ་ནས་ཀུན་བློའི་བར་གོང་དམ་ཚིག་རྣམ་བཤད་ལྟར་ལ། དེ་ནས་ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན་མན་འདྲ། ཨཥྚཱའི་བྱད་ཟློག་ནི་པོད་དམར་ནས་ཕྱུང་བས་བརྒྱུད་པའང་དེ་ལྟར་རོ། ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་མགོན་རྐྱང་གི་རྗེས་