[A:༦༣༤བ]དགོངས་དོན་ཉམས་སུ་ལེན་པ་ལ། །
ཕྱི་ནང་བདུད་ཀྱི་འགལ་རྐྱེན་མང་ཚོགས་པས། །
འཆིང་བུ་ནོར་བུ་འཁྲུལ་པའི་ཚོང་པ་ལྟར། །
ཚིག་ཙམ་སྙིང་པོར་རེ་འདི་སྐལ་བ་ཕྲ། །
ད་ནི་སྔོན་བྱོན་དམ་པའི་རྣམ་ཐར་བཞིན། །
བར་གཅོད་བདུད་ཀྱི་དབང་དུ་མི་གཏོང་ཞིང་། །
ལྷག་བསམ་བརྩོན་པའི་ལྕག་གིས་ཉེར་བསྐུལ་ཏེ། །
རང་བློ་ཆོས་སུ་འགྲོ་བའི་ཡིད་དམ་འཆའ། །
སྤངས་རྟོགས་ནུས་པའི་རྩེར་སོན་བླ་མ་ལྷ། །
ཆོས་སྲུང་ནོར་ལྷར་བཅས་པའི་མཐུ་སྟོབས་ཀྱིས། །
གདམས་པ་ཟབ་མོ་ཉམས་སུ་ལེན་པ་ལ། །
འགལ་རྐྱེན་མེད་ཅིང་མཐུན་རྐྱེན་སྡོང་གྲོགས་མཛོད། །
སྐྱོ་ཤས་ཆེ་ཞིང་སྐོམ་པས་ཆུ་བཞིན་དུ། །
སྙིང་ནས་ཆོས་འདོད་སྐལ་བ་ལྡན་རྣམས་ལའང་། །
རང་ནུས་ཇི་བཞིན་བློ་དང་འཚམས་པའི་ཆོས། །
བསམ་པ་དག་པས་སྟོན་ནུས་བྱིན་གྱིས་རློབས། །
བདག་པས་གཞན་གཅེས་