R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༤ན
[A:༦༣༤ན]
དོན་ཆེ་བའི་དམ་པའི་ཆོས་ཀྱི་རིམ་པ་མཚན་ལྡན་གྱི་ཡོངས་འཛིན་དམ་པ་རྣམས་ལས་ལེགས་པར་ནོས་པའི་ཐོབ་ཡིག་རེ་ཞིག་བཀོད་ཟིན་ཏོ། ། འདིར་སྨྲས་པ། ། གྲངས་མེད་རྒྱལ་བས་ལེགས་གསུངས་འདོད་རྒུའི་འབྱུང་གནས་རིན་ཆེན་གཏེར། ། མཐའ་ཡས་སྐྱེ་རྒུའི་ལེགས་བྱས་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་པ། ། ཚད་མེད་བརྗོད་པའི་ཡུལ་འདས་ཐེག་གསུམ་རྒྱུད་སྡེ་བཞི་ཞེས་གྲགས། ། དཔག་ཡས་བརྗོད་དོན་ཟད་མེད་ཕུལ་བྱུང་མཉམ་མེད་གང་དེ་དང་། ། དེ་ཡི་ཚིག་དོན་འགལ་འབྲེལ་དཔྱོད་བྱེད་སྒྲ་དང་རྟོག་གེའི་གཞུང། ། གཞན་དག་རྗེས་སུ་བཟུང་བྱེད་ཐབས་མཁས་བཟོ་དང་གསོ་བ་སྟེ། ། རྒྱལ་དང་རྒྱལ་སྲས་དཔྱོད་ལྡན་ཀུན་གྱི་འཇུག་ངོགས་བླ་ན་མེད། ། གང་དེར་མི་འཇུག་སྣང་བྱེད་གཞན་ཚོལ་ལས་ཀྱིས་ནོངས་པར་ཟད། ། ཨེ་མ་དེ་ལྟའི་གསུང་རབ་ཆ་ཤས་ཙམ་། ། དམ་པའི་དྲིན་དང་སྔོན་གོམས་ལས་འཕྲོ་ཡིས། ། ཡང་ཡང་ཐོས་དང་བསམ་པའི་གོ་ཡུལ་དུ། ། གྱུར་འདིའང་སྐལ་བ་བཟང་སྙམ་བློ་བདེའི་གནས། ། འོན་ཀྱང་