R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༥ན
[A:༦༥ན]བཀྲ་ཤིས་ལི་ཁྲིའི་ཐིག་ལེ།༦ ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་བསྲང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ།༧ ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག་བཀྲ་ཤིས་དུང་དཀར་གཡས་འཁྱིལ་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་གཞན་ཕན་སྙིང་པོའི་གསན་ཡིག་ནས་ཚོལ་དགོས། ། གཟིམས་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱིས་མཛད་པའི་རྗེ་བཙུན་ས་སྐྱ་པའི་བཞེད་པ་ལྟར་མདོ་སྔགས་ཀྱི་ལྟ་བའི་སྙིང་པོ་ཕྱིན་ཅི་མ་ལོག་པར་བཤད་པ་ནོར་བུའི་མེ་ལོང་རྒྱུན་མ་བཞུགས་པས་བློ་གཏེར་ཞབས་ཀྱིས་ལུང་སྤེལ་གནང་བའོ། ། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་གི་མཛེས་རྒྱན། ལུས་དཀྱིལ་མཛེས་རྒྱན། དབང་ཆུ་མཛེས་རྒྱན། གཏོར་ཆོག་མཛེས་རྒྱན། དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ནས། པཎ་ཆེན་ནམ་མཁའ་དཔལ་བཟང་།