R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༤བ
[A:༦༤བ]གནང་བའོ། ། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ལམ་ཟབ་བླ་མའི་རྣལ་འབྱོར་ཉམས་སུ་བླང་ཚུལ་གྱི་བརྒྱུད་པ་ནི། དམིགས་བསལ་མ་རྙེད་ཀྱང་གོང་དམ་ཚིག་རྣམ་བཤད་ཅན་དང་མཚུངས་སམ་སྙམ་མོ། ། ཚར་ཆེན་རིན་པོ་ཆེའི་གསུང་ལམ་རིམ་སྨོན་ལམ་གྱི་རྣམ་བཤད་རྒྱལ་བ་དགྱེས་པའི་རོལ་མོ་གཟིམས་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱིས་མཛད་པར་ལུང་རྒྱུན་མ་བཞུགས་པས་བློ་གཏེར་ཞབས་ཀྱིས་ཐུགས་དམ་གནད་ནས་བསྐུལ་བའི་རོལ་མོ་ཞེས་མཚན་བསྒྱུར་ཏེ་ལུང་སྤེལ་གནང་བའོ། ། རྒྱས་སྲས་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ལམ་སྐོར་ཕྱི་མ་བརྒྱད་ལ། ཏོག་རྩེ་བའི་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག་བཀྲ་ཤིས་དྭངས་ཤེལ་མེ་ལོང་།༡ ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་ཡིག་བཀྲ་ཤིས་གི་ཝང་སྨན་བཅུད།༢ ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བིལ་བའི་ལྗོན་བཟང་།༣ ངག་དབང་གྲགས་པའི་ཕྱག་ཆེན་ཡི་གེ་མེད་པའི་ཁྲིད་ཡིག་བཀྲ་ཤིས་དུརྦའི་མྱུ་གུ།༤ པདྨ་བཛྲའི་བསྐྱེད་རིམ་ཟབ་པའི་ཚུལ་དགུའི་ཁྲིད་ཡིག་བཀྲ་ཤིས་ཡུངས་དཀར་གོང་བུ།༥ ནག་པོ་བའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ཡིག་