R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༨ན
[A:༦༨ན]ཐམས་ཅད་ཀྱི་གསང་སྔགས་ཡི་གེ་བརྒྱ་པའི་བཟླས་ལུང་དང་། ཨཥྚཱི་བཟླས་ལུང་གཉིས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་བཟུང་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ་དང་། ཞབས་དྲུང་བསྟན་འཛིན་སྙིང་པོས་བདག་ལ་གནང་བའི་བར་ལམ་འབྲས་པོད་དམར་རྩ་བའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། ། འཇམ་མགོན་ཀུན་བློས་མཛད་པའི་རྟེན་འབྲེལ་སྲུང་བའི་བྱིན་རླབས་བྱ་ཚུལ་རྟེན་འབྲེལ་རབ་གསལ་གྱི་བརྒྱུད་པ་ནི། ངག་དབང་ཀུན་དགའ་བློ་གྲོས་ནས་བཟུང་། གོང་ངག་ཆོས་ཀྱི་བྱིན་རླབས་རྣམས་ཀྱི་བརྒྱུད་པ་ལྟར་རོ། ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་མཁྱེན་བརྩེའི་དབང་པོས་མཛད་པའི་རྟེན་འབྲེལ་སྙིང་པོའི་གཟུངས་དང་འབྲེལ་བའི་སྲུང་བ་ཟབ་མོ་བྱིན་རླབས་མན་ངག་དང་བཅས་པ་ལ་དགེ་སློང་ནོར་བན་རཀྵི་ཏས་ཐོ་གར་ཡུལ་ནས་རྙེད། ཅེས་པ་དང་། རྗེ་བཙུན་ས་སྐྱ་པ་ཆེན་པོས་མཛད་པ། འཇམ་དབྱངས་ས་པཎ་གྱི་གསུང་སྒྲོས་ཆོས་རྒྱལ་འཕགས་པས་མཛད་པ་བཅས་ཡིག་རྙིང་ཚོ་གསུམ་དང་། རྗེ་ཉིད་ཀྱི་གསུང་རྟེན་འབྲེལ་སྲུང་བའི་བྱིན་རླབས་བྱ་ཚུལ་མན་ངག་