R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༩ན
[A:༦༩ན]དཔལ་བཟང་། དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། དཔལ་ལྡན་ཆོས་སྐྱོང་། ཆོས་སྐྱོང་བཟང་པོ། ནམ་མཁའ་འཆི་མེད་མན་འདྲའོ། ། རྗེ་མཁྱེན་བརྩེའི་དབང་པོས་མཛད་པའི་རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་བྱ་ཚུལ་ཉུང་ངུ་རྣམ་གསལ་བདེ་ཆེན་དཔལ་སྟེར་གྱི་བརྒྱུད་པ་ནི། མཛད་པ་པོ་རྗེ་བླ་མ། རྡོ་རྗེ་འཆང་བསྟན་པའི་རྒྱལ་མཚན་མན་གྱི་བརྒྱུད་པ་མཁན་ཆེན་བློ་གྲོས་གཞན་ཕན་སྙིང་པོའི་གསན་ཡིག་ལྟར་རོ། ། ཚར་ཆེན་ཆོས་རྗེས་མཛད་པའི་བླ་མཆོད་དངོས་གྲུབ་ཆར་འབེབས་ཀྱི་རྩ་བའི་བརྒྱུད་པ་ནི། གོང་གི་བཤེས་གཉེན་བསྟེན་ཐབས་ཤློ་ཀ་ལྔ་བཅུ་པའི་འགྲེལ་པ་ལྟར་ལ། ཁ་སྐོང་དང་ཡང་སྐོང་གི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་མན་གཞུང་ཚིག་དེ་ཉིད་དང་འབྲེལ་ལོ། ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་གསུང་ངག་རིན་པོ་ཆེ་སློབ་བཤད་པའི་ལུགས་ཀྱི་ཚོགས་གསོག་པར་བྱེད་པ་མཎྜལ་གྱི་རྣལ་འབྱོར་དང་། བྱིན་རླབས་