R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༩བ
[A:༦༩བ]འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་བཅས་ཀྱི་ཉམས་ལེན་ཡེ་ཤེས་ཉིན་བྱེད་འདྲེན་པའི་ཤིང་རྟ། མཛད་པ་པོ་ནས། ངག་དབང་བསོད་ནམས་རྒྱལ་མཚན་མན་འདྲ། རྗེ་མཁྱེན་བརྩེའི་དབང་པོས་མཛད་པའི་ལམ་ཟབ་ཕྱི་མའི་ཉམས་ལེན་ཤིན་ཏུ་བསྡུས་པ་བྱིན་རླབས་མཆོག་སྩོལ་གྱི་བརྒྱུད་པ་ནི། རྗེ་བླ་མ་ནས།
རྡོ་རྗེ་འཆང་གཞན་ཕན་སྙིང་པོའི་གསན་ཡིག་ནས་བཙལ་དགོས།
གོང་མ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ལམ་ཟབ་ཕྱི་ནང་དང་། བིར་སྲུང་ཕྱི་ནང་གི་ཉམས་ལེན། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་བསྒྲིགས་པའི་རིན་འབྱུང་བེའུ་བུམ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ཟབ་མོ་བླ་མའི་རྣལ་འབྱོར་གྱི་རྒྱས་པའི་ཕྲིན་ལས་ཉམས་ལེན་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་རིམ་པར་བརྒྱུད་དེ། ཡབ་རྗེ་ཀུན་དགའ་བློ་གྲོས་ལ་བཀའ་བབས་ཤིང་། དེ་ཕྱིན་ངོར་ཆེན་གྱི་རྣམ་དག་མའི་བརྒྱུད་པའི་རྗེས་སུ་སྙེགས་སོ། ། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་བླ་མ་རིན་འབྱུང་གི་རྣལ་འབྱོར་འདོད་རྒུ་ལྷུན་གྲུབ་དང་།