R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦བ
[A:༦བ]དཔོན་ཛེ་ཏཱ་རིའི་ཐུགས་ཀྱི་ཡང་སྙིང་རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡན་ཆད་སྙན་བརྒྱུད་ཁོ་ནར་བཞུགས་པ་སྔགས་འཆང་ཆེན་པོས་གྲུབ་རྒྱལ་གླིང་པ་པད་རྒྱལ་གྱི་དོན་དུ་ཡི་གེར་བཀོད་པར་མཛད་པའི་ཚེ་སྒྲུབ་ཀྱི་མན་ངག་ཟབ་མོའི་སྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་གོང་དང་འདྲ། དེ་ནས་མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་མགོན་ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག །སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། མཐུ་ཆེན་དཔལ་ལྡན་ཆོས་སྐྱོང་། ཡབ་རྗེ་པདྨའི་མཚན་ཅན། ཐེག་ཆེན་བཀྲ་ཤིས་རིན་ཆེན། འདྲེན་མཆོག་ཀུན་དགའ་སྙིང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན། དེས་བདག་ལ་གནང་བའོ། ། ༈ གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཚེ་དབང་འཆི་མེད་དཔལ་སྟེར་རམ། ཚེ་རྟ་ཟུང་སྦྲེལ་བླ་མ་ཞི་ཁྲོར་