[A:༧ན]གྲགས་པ་དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་འཆི་མེད་རྡོ་རྗེའི་རྒྱ་མདུད་ཀྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། སྣང་བ་མཐའ་ཡས། མགོན་པོ་ཚེ་དཔག་མེད། ཁྲོ་རྒྱལ་རྟ་མགྲིན་དབང་གི་རྒྱལ་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གྲུབ་ཆེན་ཐང་རྒྱལ་ལམ་བརྩོན་འགྲུས་བཟང་པོ། རྡོ་རིང་པ་ཀུན་སྤངས་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །
བསྟན་འཛིན་ཉི་ཟླ་བཟང་པོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ། ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག །སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་སྐྱ་པ་ཆེན་པོ་ཀུན་དགའ་བློ་གྲོས། ས་སྐྱ་པ་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་། ཡབ་རྗེ་པདྨའི་མཚན་ཅན། ཐེག་ཆེན་བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ངག་དབང་ཀུན་དགའ་སྙིང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་ཀུན་དགའ་རིན་ཆེན། དེས་བདག་ལ་ལན་གྲངས་དུ་མ་བསྩལ་བའོ། །
ཡང་ན། མཁན་ཆེན་ངག་དབང་ཆོས་གྲགས།