[A:༧༦ན]ཀྱང་ལུང་རྒྱུན་ནི་བཞུགས་གྲས་སོ། །
སྡེ་དགེ་བླ་ཆེན་གྱི་མཛད་པའི་ཀྱེ་རྡོར་རྣམ་བཤད་བསྟན་པ་རྒྱས་པའི་ཉིན་བྱེད་ཀྱི་བརྒྱུད་པ་ནི། མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོའི་གསན་ཡིག་ལ་བརྟག་དགོས། ཡང་དེ་ཉིད་ཀྱིས་མཛད་པའི་ལུས་སྦྱོང་དང་འཁྲུལ་འཁོར་གྱི་བརྒྱུད་པ་ནི། གོང་བཞིན་གསན་ཡིག་ལ་བརྟག །
འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེའི་མགུར་བསམ་གཏན་མྱུ་གུ་བསྐྱེད་པའི་ཆར་ཟིམ། དབང་བཞིའི་བརྡ་བཅས་ཀྱི་བརྒྱུད་པ་ནི། དེ་ཉིད་ཀྱིས་མཛད་པའི་གོང་རིན་འབྱུང་སྐབས་དང་འདྲའོ། །
༈ གཉིས་པ་ལུང་རྒྱུན་མ་བཞུགས་པའི་སྐོར་ལ། བླ་ཆེན་འབྲོག་མིའི་མཚན་ལམ་བརྡ་འགྲོལ་བཀའ་བརྒྱ་མ། ཚར་ཆེན་བློ་གསལ་རྒྱ་མཚོའི་གསང་བའི་རྣམ་ཐར་བསྡུས་པ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་མཐོང་ལམ་ནས་བཅུ་གསུམ་རྡོ་རྗེ་འཛིན་སར་བགྲོད་ཚུལ་ལམ་ཟབ་ཕྱི་མ་བྱིན་རླབས་དཔལ་འབྱུང་། ལམ་ཟབ་ནང་མའི་བརྒྱུད་འདེབས་ལམ་རིམ་དང་བཅས་པ་སྦས་དོན་སྙིང་གི་ཁ་འབྱེད། གསང་བའི་ལམ་ཟབ་སྦས་དོན་སྙིང་པོ།