R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༧༦བ
[A:༧༦བ]བླ་མ་རིན་འབྱུང་རྒྱུན་གྱི་ངག་འདོན་བདེ་འཇུག །ཚར་གསུམ་ཁུག་པ་རྒྱུན་གྱི་ཉམས་ལེན་གནད་ཀྱི་གཅེས་མཛོད། བིར་སྲུང་ཐུན་མོང་གི་ཉམས་ལེན་བྱིན་རླབས་དཔལ་སྟེར། ཀྱེ་རྡོར་གྱི་བསྙེན་པའི་སྐབས་ངག་འདོན་རྒྱས་བསྡུས་གཏོང་ཚུལ། ལམ་དབང་། བདག་མེད་མ། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན་རྣམས་ཀྱི་བྱིན་རླབས་བྱ་ཚུལ་གྱི་ཟིན་བྲིས། པཎ་ཆེན་ངག་ཆོས་ཀྱི་གསུང་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ལ་རྩོད་པ་སྤོང་བ་འཇིགས་བྲལ་སེང་གེའི་རྒྱུད་ཀྱི་ང་རོ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དཀའ་བའི་གནས་རྣམས་ལས་བརྩམས་ཏེ་བྲིས་པའི་རང་ལན་གཟུར་གནས་དྲང་པོའི་གཏམ་སྐྱེས་བདུད་རྩིའི་ཐིགས་ཕྲན། རྒྱལ་དབང་ལྔ་པའི་གསུང་ལམ་ཟབ་ཕྱི་མའི་ཉམས་ལེན་གནད་དྲིལ་འཇུག་བདེ། རྡོར་བྲག་པདྨ་ཕྲིན་ལས་གསུང་དགེས་མཛད་རྡོ་རྗེའི་ཕྱི་ནང་བསྐྱེད་རིམ་གྱི་དམིགས་གནད་ཟིན་བྲིས་ཤིན་ཏུ་བསྡུས་པའི་བརྗེད་བྱང་སློབ་བཤད་བདུད་རྩིའི་སྙིང་པོ། དོན་གྲུབ་རྡོ་རྗེས་མཛད་པའི་ལམ་ཟབ་ཁྲིད་ཀྱི་ཟིན་བྲིས་སྐལ་བཟང་སྙིང་གི་མུན་སེལ།
འདི་ལ་ལུང་རྒྱུན་ཡོད་མེད་མ་གསལ།