[A:༧༧བ]བཤད་ཀྱི་སྐོར་དངོས་དང་། དེ་ལས་གཞན་པ་
ཉེར་མཁོའི་རིགས་འཕྲོས་དོན་གྱི་ཚུལ་དུ་གླེང་བསླང་བའོ། །
དང་པོ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། རིམ་པར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་དགོས་ཤིང་། དེའང་རྡོ་རྗེ་རྩེ་མོ་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་པ་ལྟར་ཐོག་མར་སོ་བྱང་སྔགས་གསུམ་གྱི་ལམ་ལ་རིམ་གྱིས་འཇུག་དགོས་པས་དེ་ལ་གསུམ། སོར་སྡོམ། བྱང་སྡོམ། སྔགས་སྡོམ་མོ། །གསུམ་པོ་དེའང་ཐོབ་ཚུལ་གྱི་སྒོ་ནས་རིམ་གྱིས་ཐོབ་པ་དང་། གཅིག་ཅར་དུ་ཐོབ་པ་གཉིས་ལས། ཁོ་བོ་རང་གི་དབང་དུ་བྱས་ན། སོ་ཐར་སྡོམ་པ་བྱང་སྡོམ་ཞུ་སྐབས་ཀྱི་སྐྱབས་འགྲོ་དང་། དབང་གི་སྟ་གོན་རྒྱུན་བཤགས་ཀྱི་སྐབས་སུ་ཡོངས་རྫོགས་དགེ་བསྙེན་དང་ན་མཉམ་པའི་སྡོམ་པ་ཐོབ་པར་གསུངས་པ་དེ་ཡིན་པས་བརྒྱུད་ཡིག་ལོགས་སུ་འབྲི་མ་དགོས་ལ།
གཉིས་པ་ལ་དབུ་སེམས་ཀྱི་སྲོལ་གཉིས་ཡོད་ཀྱང་། འདིར་བརྒྱུད་པའི་ཁྱད་པར་གཉིས་ཀ་དང་