[A:༧༨ན]ལྡན་པའི་སེམས་བསྐྱེད་རྣལ་འབྱོར་དབང་ཕྱུག་དང་། ནཱ་རོ་ཏ་པ་གཉིས་ཀྱི་ཁྱད་ཆོས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་ཕྱག་རྒྱུན་དྲི་མེད་ངག་ཆོས་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་གོང་སློབ་བཤད་སྐབས་དང་འདྲ་ཞིང། དེ་ཕྱིན་འོག་ནས་འབྱུང་བའི་ཁྲིད་ཀྱི་བརྒྱུད་པ་ལྟར་རོ། །
གསུམ་པ་ལ་རྒྱུད་སྡེ་ཆེན་པོ་བཞི་བཞུགས་པ་ནས། འདིར་སྐབས་སུ་བབས་པ་བླ་མེད་གཙོ་བོར་གྱུར་པ། དེ་ལས་ཀྱང་ཟབ་གསང་གཉིས་སུ་མེད་པའི་རྒྱུད་དང་མན་ངག་ལས་བྱུང་བ་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར། དེའང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་པ་འདི་ཉིད་དུ། ཞལ་ངོ་བུ་སློབ་དང་བཅས་པས་གནང་རྒྱུན་མ་ཆད་པར་བཞུགས་པའི་བརྒྱུད་ཡིག་འོག་ཏུ་འབྱུང་ཞིང་། འདིར་གསུང་ངག་ཚོགས་བཤད་ཐོག་མ་ཨེ་ཝྃ་ཆོས་ལྡན་དུ་ཐོབ་པའི་སྐབས་ཀྱི་ཐོབ་ཚུལ་བརྒྱུད་རིམ་བཅས་འབྲི་ན། རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས། འོག་མིན་གཉིས་པ་དཔལ་ཨེ་ཝྃ་ཆོས་ལྡན་དུ། ལོ་རེ་རེ་བཞིན་གསུང་ངག་རིན་པོ་ཆེ་གཙོར་མཛད་པའི་སྡོམ་པ་གསུམ་