R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨༢ན
[A:༨༢ན]དྲུང་རིན་པོ་ཆེ་ནས་གནང་། དེ་རྣམས་ཀྱི་བརྒྱུད་རིམ་འོག་སྒྲུབ་བཏུས་ཀྱི་བརྒྱུད་རིམ་དུ་ཞིབ་པར་འབྱུང་། དེ་བཞིན་དུ་སྒྲོལ་དཀར་གྱི་ཚེ་ཁྲིད་དང་། རིགས་གསུམ་སྤྱི་དབང་ཡང་རྗེ་ཉིད་ཀྱི་ཞལ་སྔ་ནས་དང་། བརྒྱུད་རིམ་ཡང་འོག་སྒྲུབ་བཏུས་བཞིན་ཡིན། ཛཱེ་ཏ་རིའི་ལུགས་ཚེ་དཔག་མེད་ལྷ་དགུའི་དབང་གི་བརྒྱུད་པ་ནི། པདྨ་བདུད་འདུལ་དབང་ཕྱུག་ཡན་གོང་ཡབ་རྗེ་མཆོག་ལས་ཐོབ་པ་བཞིན་ལ་དེ་ནས། བདག་ཆེན་ཀུན་དགའ་བསོད་ནམས། རྗེ་བྱམས་པ་ཀུན་དགའ་ལྷུན་གྲུབ། ཐུབ་བསྟན་ལེགས་བཤད་བཟང་པོ། འཇམ་དབྱངས་བློ་གཏེར་དབང་པོ། མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། དེས་ཁོ་བོ་འཁོན་རིགས་པ་ལ་ཐུགས་དགེས་པས་བཀའ་དྲིན་དུ་གནང་བའོ། ། གཞན་ཡང་བརྒྱུད་རིམ་ཅུང་ཟད་མི་འདྲ་བ་རྣམས་ཀྱང་གོང་དུ་བཤད་པ་དང་། རྒྱུད་བཏུས་བརྒྱུད་ཡིག་ལས་རྟོགས་དགོས་སོ། ། ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་སོ་བདུན་མགྲོན་ཐབས་ཀྱི་ལྷ་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པའི་བརྒྱུད་པ་ནི། སྟོན་མཆོག་ཐུབ་དབང་ཤཱཀྱའི་ཏོག །གསང་བདག་ཕྱག་ན་རྡོ་རྗེ། ཟ་ཧོར་གྱི་རྒྱལ་པོ་