[A:༨༡བ]བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ཞེས་ས་གསུམ་ན་སྙན་པར་གྲགས་པ་དེ་ཉིད་ལ་རྗེ་བཙུན་འཇམ་དབྱངས་མགོན་པོ་སེམས་དཔའ་གཉིས་དང་བཅས་པས་ཞལ་མངོན་སུམ་དུ་གཟིགས་ནས་དངོས་སུ་བསྩལ་བའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཉམས་ཁྲིད་རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ནུབ་པ་རིག་འཛིན་གྲགས། ཀུན་དགའ་ལེགས་པ། ངག་དབང་ལེགས་གྲུབ་རྣམས་ཀྱི་ཡིག་སྟེང་ནས་སྦྱོར་བ་སྐྱབས་འགྲོ། དངོས་གཞི་ཚེ་འདི་ལ་སོགས་ཀྱི་དམིགས་རྐང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །འཁོར་བ་ལ་ཞེན་ན་སོགས་ཀྱི་དོན་འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། བདག་དོན་ལ་ཞེན་ན་སོགས་ཀྱི་དོན་བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས། དེའི་སྤྱོད་པ་དང་བཅས་པ། འཛིན་པ་བྱུང་ན་སོགས་ཀྱི་དོན་ཞི་གནས། ལྷག་མཐོང་། ཟུང་འཇུག་བསྒོམ་པ་དང་བཅས་པ་ལེགས་པར་བསྩལ།
གོང་གསལ་རྗེས་གནང་རྣམས་གསུང་ངག་ཚོགས་སློབ་ཞུ་བའི་སྐབས་སྔ་ཕྱི་གཉིས་ཆར་དུ་རྡོ་རྗེ་འཆང་ཉིད་ནས་བསྩལ་ཞིང་། སྒྲུབ་རྗེས་ལས་ཚོགས་སོགས་ཀྱི་ཡིག་སྣ་མང་དུ་བཞུགས་པ་རྣམས་ཀྱི་ལུང་སློབ་བཤད་ཞུ་སྐབས་ཐུགས་སྲས་ཞབས་