[A:༨༤བ]
རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ། །ཡང་ན། བློ་གཏེར་དབང་པོ་ནས། སྙན་གྲགས་བསྟན་པའི་དབང་ཕྱུག །རྒྱས་སྲས་ཆོས་ཀྱི་ཉི་མ། རྡོ་རྗེ་འཆང་གཞན་ཕན་སྙིང་པོ། དེས་ཁོ་བོ་ལའོ། །
ཡང་གོང་གསལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་རྫོགས་པའི་སངས་རྒྱས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དང་། གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླབས་པར་བརྟེན་ནས། དགོངས་པ་ཡེ་ཤེས་ཀྱི་ཀློང་ནས་ཤར་བའི་རྗེ་བཙུན་མ་འཆི་མེད་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་དུ་རྩ་བའི་ལས་བྱང་མ་བུ་དང་། བསྟན་གཉིས་གླིང་པས་བསྒྲིགས་པའི་དབང་ཆོག་གི་སྟེང་ནས་དབང་བསྐུར་མཐའ་དག་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ། གྲུབ་པའི་སློབ་དཔོན་རྣམ་གསུམ། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ་འམ། ཨོ་རྒྱན་བསྟན་གཉིས་གླིང་པ། དེ་གཉིས་ཀས་འཇམ་དབྱངས་བློ་གཏེར་དབང་པོ། དེས་བདག་ཅག་གི་རིགས་བདག་