[A:༨༥ན]རྡོ་རྗེ་འཆང་ཆེན་པོ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེས་ཁོ་བོ་འཁོན་རིགས་པ་ལའོ། །
གོང་གསལ་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་དམར་ཁྲིད་ཀྱི་བརྒྱུད་པ་སྒྲུབ་བཏུས་ནང་བཞུགས་ཀྱི་བརྒྱུད་འདེབས་ལྟར་ཡིན་ན་འོག་ཏུ་འབྱུང་བ་བཞིན་ལ། འདྲ་མིན་ཅུང་ཟད་ཡོད་ཚེ་འདིར་འཇུག་དགོས།
ཡང་བར་སྐབས་ཤིག་ཏུ། རྡོ་རྗེ་རིགས་ཀྱི་གཙོ་བོ་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལ་བརྟེན་ནས་ཛཱེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་བཀྲལ་བའི་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། རྗེ་བཙུན་འཇམ་པའི་དབྱངས། ཡེ་ཤེས་སྙིང་པོ། ཡེ་ཤེས་ཞི་བ། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སཱ་ལི་ཆེ་བ་རིན་ཆེན་བཟང་པོ། ཆུང་བ་རིན་ཆེན་འོད་ཟེར་རམ་དགེ་བ་ཅན། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་ལྡན་ཨ་ཏི་ཤ །གོ་མཱི་སྒོམ་ཆེན། ཛྙ་ན་ཤྲཱི། ཉག་སྟོན་ལྡོམ་བུ་བ། སྦྲུག་སྟོན་གྲགས་པ། ཆོས་ཀྱི་རྒྱལ་མཚན། བུ་སྟོན་