[A:༨༧ན]རྒྱ་མཚོ། བློ་གཏེར་དབང་པོ་མན་འདྲ། ཡང་ན། ཀུན་དགའ་བསྟན་འཛིན་ནས། སྐྱེ་རྒུ་ཀུན་དགའ་དཔལ་འབྱོར། མཐུ་ཆེན་འཇམ་དཔལ་བསྟན་འཛིན། འཇམ་དབྱངས་བློ་གཏེར་དབང་པོ་མན་འདྲ། ཡང་མཁྱེན་བརྩེ་ནས། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་ན། ཀུན་བློ་ནས། ཡར་ཀླུང་པ་ནམ་མཁའ་ལེགས་པ་དང་། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་གཉིས། གཉིས་ཀས་འདྲེན་མཆོག་ངག་དབང་རིན་པོ་ཆེ། བྱམས་པ་ཀུན་དགའ་བསྟན་འཛིན་མན་འདྲ། ཡང་ན། ཀུན་བློ་ནས། འཆི་མེད་བསྟན་པའི་ཉི་མ། འཇམ་མགོན་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། རྗེ་མཁྱེན་བརྩེའི་ཞབས། བློ་གཏེར་དབང་པོ་སོགས་འདྲ། ཡང་ན། ཀུན་བློ་ནས། རྗེ་ཕྱོགས་ལས་རྣམ་རྒྱལ། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་མཁྱེན་བརྩེའི་ཞབས། འཇམ་དབྱངས་བློ་གཏེར་དབང་པོ་སོགས་འདྲ། ཡང་ན། གནས་གསར་བ་ནས། མུས་ཆེན་