R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨༧བ
[A:༨༧བ]བསོད་ནམས་དཔལ་བཟང་། ཆོས་ཉིད་ཡེ་ཤེས། བསོད་ནམས་དབང་ཕྱུག ། ཤར་རྩེ་བློ་བཟང་ཡོན་ཏན། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་མཁྱེན་བརྩེའི་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ་སོགས་འདྲ། ཡང་ན། གནས་གསར་བ་ནས། བོད་འབྲུག་བློ་གསལ་ཕུན་ཚོགས། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། བཀའ་འགྱུར་བ་དགའ་ལྡན་བསྟན་འཛིན། རྗེ་དགའ་ལྡན་རབ་རྒྱས། མཁས་གྲུབ་དབང་ཕྱུག་ཆོས་བཟང་། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ། མཁན་ཆེན་རྡོ་རྗེ་འཆང་བློ་གྲོས་གཞན་ཕན་སྙིང་པོ། དེས་ཁོ་བོ་འཁོན་རིགས་ཐེག་ཆེན་དཔལ་འབར་ལའོ། ། ཡང་གོང་གསལ་གསེར་ཆོས་ནཱ་རོ་མཁའ་སྤྱོད་མའི་ཉམས་ཁྲིད་མཁྱེན་བརྩེའི་ཁྲིད་ཡིག་ལ་ཞལ་ཤེས་རྣམས་ཀྱིས་བརྒྱན་པ་དང་། རྗེ་མཁྱེན་བརྩེའི་དབང་པོའི་འཆད་ཐབས་བཅས་ཀྱི་སྟེང་ནས་རྣལ་འབྱོར་བཅུ་གཅིག་གིས་ཁོག་ཕུབ་སྟེ་བསྐྱེད་རིམ་སེམས་འཛིན་དང་བཅས་པ་དང་། རྫོགས་རིམ་ལའང་ཆོས་ཉིད་དངོས་སུ་བསྟན་པ་དང་། ཆོས་ཉིད་བརྒྱུད་ནས་བསྟན་པ་གཉིས་ཀྱི་