R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨༩ན
[A:༨༩ན]ཀུན་དགའ་རིན་ཆེན་གཉིས། གཉིས་ཀས་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། དེ་ནས་འཇམ་དབྱངས་བློ་གཏེར་དབང་པོ། མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། དེས་བདག་ལའོ། ། སྣང་གསུམ་སྐབས་བླ་མ་ཚད་མར་བྱ་བའི་ཕྱིར་བླ་མའི་རྣམ་ཐར་གྱི་ལུང་གནང་བའི་བརྒྱུད་པ་ནི། བླ་མ་རྒྱ་གར་བ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་ལོ་རྒྱུས་ནས་བཟུང་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བར་གྱི་རྣམ་ཐར་རྣམས་ཀྱི་མཚན་གྲངས་སོགས་སྤར་དུ་བཞུགས་པ་ལྟར་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན་ཅིང་། དེ་ནས་ངག་དབང་བསོད་ནམས་རྒྱལ་མཚན་སོགས་གོང་སློབ་བཤད་ཀྱི་བརྒྱུད་པ་དང་འདྲ་ཞིང་། མུས་ཆེན་སེམས་དཔའ་ཆེན་པོ་ནས་མཁན་ཆེན་ཤེས་བྱ་བཟང་པོའི་བར་གྱི་གདན་རབས་རྣམ་ཐར་ནོར་བུའི་ཕྲེང་བ་ནི། མཛད་པ་པོ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས་རིམ་པར་བརྒྱུད་དེ། ཞབས་དྲུང་ཀུན་དགའ་ཡེ་ཤེས་དབང་ཕྱུག །བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་བྱམས་པ་ཀུན་དགའ་