[A:༨༩བ]བསྟན་པའི་རྒྱལ་མཚན། ཁང་གསར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་སོགས་ཀྱིས་སོ། །
དེའི་ཁ་སྐོང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ནས། གདན་རབས་སོ་གསུམ་པ་བྱམས་པ་དཔལ་ལྡན་ཆོས་སྐྱོང་ཡན་གྱི་རྣམ་ཐར་དཔལ་ཆོས་ཀྱིས་མཛད་པའི་རྟོགས་བརྗོད་འདོད་རྒུའི་དཔལ་སྟེར་དང་། གདན་རབས་སོ་ལྔ་པ་ཁང་སར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་ཐར་དཔལ་ཆོས་པས་མཛད་པ་དང་། གདན་རབས་སོ་དྲུག་པ་ཤར་ཆེན་མི་འགྱུར་རྒྱལ་མཚན་གྱི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ་དང་། གདན་རབས་སོ་བརྒྱད་པ་འཇམ་དབྱངས་དཀོན་མཆོག་གྲགས་པའི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ་བཅས་སྤར་དུ་བཞུགས་པ་ཇི་བཞིན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན། དེ་ནས་ངག་དབང་བསོད་ནམས་རྒྱལ་མཚན་སོགས་གོང་བཞིན་ནོ། །
དེའི་ཡང་སྐོང་གདན་རབས་སོ་བཞི་པ་མཁས་གྲུབ་སངས་རྒྱས་དཔལ་བཟང་། གདན་རབས་སོ་བདུན་པ་འཇམ་མགོན་སངས་རྒྱས་ཡེ་ཤེས། གདན་རབས་སོ་དགུ་པ་ངག་དབང་ཆོས་སྐྱོང་བཟང་པོ་ནས། གདན་རབས་རེ་གཉིས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་ཡན་