R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩༠བ
[A:༩༠བ]བཤད།
འདིའི་ལྟ་ཁྲིད་རྣམས་དཀོན་ལྷུན་རྒྱུད་གསུམ་ནས་གནང་སོང་།
བདག་མེད་མའི་བྱིན་རླབས་ངག་ཆོས་ཡིག་ཆ་དང་། རྒྱུ་དབང་སྒྲུབ་དཀྱིལ། གཏོར་ཆོག ། དབང་གི་མཚམས་སྦྱོར་རྣམས་དཀོན་མཆོག་ལྷུན་གྲུབ་ཡིག་ཆ། ལམ་དབང་ཤར་ཆེན་ཀུན་དགའ་བཀྲ་ཤིས་དང་ཞུ་ཆེན་གྱི་ཡིག་ཆ། ལམ་ཟབ་དང་བིར་སྲུང་བྱིན་རླབས་ཐར་པཎ་ཡིག་ཆ་རྣམས་གོ་རིམ་བསྒྲིགས་ཏེ། འཆད་པའི་ཚུལ་ངག་དབང་བཟང་པོས་མཛད་པའི་འཆད་ཐབས་ལྟར། ཐོག་མར་རྒྱུ་ཕར་ཕྱིན་གྱི་ཐེག་པའི་ཉམས་ལེན་ཐམས་ཅད་སྣང་བ་གསུམ་དུ་བསྡུ་བའི་ཁྲིད་ཀྱིས་བློ་སྦྱོང་། རྣམ་ཐར་དང་ཆོས་སྤྱོད་སྐོར་གྱི་ལུང་འབོགས། ཁོག་དབུག་ཀྱིས་ལོ་རྒྱུས་ལ་ཡིད་ཆེས་བསྐྱེད། དེ་ནས་སྲིད་ཞི་གཉིས་ལ་མི་གནས་པའི་མྱང་འདས་ཐོབ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རིགས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་རྗེས་སུ་འཛིན་ཏེ། ཞལ་དང་འདྲ་བའི་ཆོ་གའི་གཞི་བརྒྱད་ཀྱིས་གཞིར་གནས་ཀྱི་དཀྱིལ་འཁོར་གཞི་སྨིན་པར་བྱེད། དབང་བཞིའི་དམ་ཚིག་ངོ་སྤྲོད་པའི་ཕྱིར་དེའི་རྣམ་བཤད་ཟིན་ཐུན་དུ་གཏོང་། དབང་གི་ཡེ་ཤེས་ངོ་སྤྲོད་དང་། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སེམས་གསལ་སྟོང་ཟུང་འཇུག་གི་རྣམ་རོལ།