R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩༠ན
[A:༩༠ན]བླ་མ་ཉི་ཤུ་རྩ་དྲུག་གི་གདན་རབས་རྣམ་ཐར་མདོར་བསྡུས་རེ་ནོར་བུ་ཕྲེང་བའི་ཞལ་སྐོང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་འཇམ་དབྱངས་བློ་གཏེར་དབང་པོས་གསར་བསྒྲིགས་གནང་བ་བརྒྱུད་རིམ་གོང་བཞིན་ལགས། དེ་ཡན་གྱིས་བླ་མ་ཚད་མའི་སྐོར་གྱི་བརྒྱུད་རིམ་སོང་ནས། ད་ནི་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་སྐོར་ལ། འཆད་པ་པོ་སྡོམ་པ་གསུམ་དང་ལྡན་ཞིང་། མདོ་རྒྱུད་ཀྱི་དོན་ལ་མཁས་པ། དེ་ཉིད་བཅུའི་ཕ་རོལ་ཏུ་སོན་པ། མན་ངག་གི་ཉམས་མྱོང་དང་། གྲུབ་པའི་ཡོན་ཏན་ལྡན་པའི་རྡོ་རྗེ་སློབ་དཔོན་གང་གིས། འཆད་པའི་གཞི་སྣང་གསུམ་སྙིང་པོའི་ལེགས་བཤད། ཁོག་དབུབ་གསང་སྔགས་བསྟན་པའི་པད་ཚལ་བཞད་པ། སློབ་མ་རྗེས་འཛིན། དམ་ཚིག་རྣམ་བཤད་བག་ཡོད་གཏམ་གྱི་བདུད་རྩི། ཕྱི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་མཁས་ལ་ཉེར་མཁོ་སྙིང་པོའི་ལེགས་བཤད། བསྡུས་པ་གསང་ཆེན་བསྟན་པའི་འོད་འཕྲོ། ལུས་དཀྱིལ་རྣམ་བཤད་ཉུང་ངུ་རྣམ་གསལ། རྒྱུད་གསུམ་སྙིང་པོའི་ལེགས་