[A:༩༣བ]འཁྲུལ་སྤོང་། སྡོམ་པ་ཉི་ཤུ་པའི་འགྲེལ་པའི་བརྒྱུད་པ་ནི། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་། ངག་དབང་བསོད་ནམས་རྒྱལ་མཚན་གྱིས་གསན་པ་སོགས་གོང་སློབ་བཤད་སྐབས་སུ་ཇི་སྐད་བཤད་པ་བཞིན་ནོ། །
དེ་རྣམས་ཀྱི་འཕྲོ་གཞི་ལུང་ཚད་མའི་ས་ཁོངས་ཟིན་ཙམ་དུ་རྩ་བའི་རྒྱུད་བརྟག་པ་གཉིས་པའི་ལུང་ཡང་བསྩལ། གཞན་ཡང་ལམ་འབྲས་ཀྱི་ཆ་ལག་ཏུ་གྱུར་པ་དང་། དེར་མ་གཏོགས་ཀྱང་ལས་དང་པོ་ལ་ཉེ་བར་མཁོ་བའི་རིགས་འགའ་ཞིག་གཙོར་བཏོན་པ་ལ། ངོར་ཆེན་གྱིས་མཛད་པའི་ཀུན་རིག་ཆོ་ག །བསྙེན་རྒྱས། ཆ་གསུམ། རྣམ་རྒྱལ་མའི་བསྟོད་པ་རྣམས་ཀྱི་བརྒྱུད་པ་ནི། ངོར་ཆེན། རྒྱལ་ཚབ། ཡོངས་འཛིན། ལྷ་སེང་། སངས་སེང་། ཐར་པཎ། མུས་ནམ་མཁའ་དཔལ་བཟང་། དཔལ་དོན། ནམ་སངས། བསོད་རྒྱལ། ལྷུན་དཔལ། སངས་ཕུན། ཤེས་བྱ་བཟང་པོ། བསྟན་འཛིན་ཕུན་ཚོགས། ཀུན་དགའ་ལེགས་འབྱུང་། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། བསྟན་པའི་རྒྱལ་མཚན། དེས་ངག་དབང་བསོད་ནམས་རྒྱལ་མཚན་མན་འདྲའོ། །