R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩༤ན
[A:༩༤ན]དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོར་མངོན་ལུས། དབང་ཆུ། གཏོར་ཆོག །ཞི་རྒྱས་ཀྱི་སྦྱིན་སྲེག །ལམ་ཟབ་ཕྱི་མའི་ཉམས་ལེན། ཀྱེ་རྡོར་དབང་གི་མཚམས་སྦྱོར། ཀུན་རིག་དབང་གི་མཚམས་སྦྱོར། སྦྱིན་སྲེག །རོ་སྲེག ། སཱཙྪའི་རབ་གནས། ཚེ་ཆོག །འབྱུང་འདུལ་སྒྲུབ་རྗེས། རྣམ་རྒྱལ་སྒྲུབ་རྗེས། སྒྲོལ་དཀར་སྒྲུབ་རྗེས་བསྟོད་པ་བཅས། རྣམ་འཇོམས་བུམ་ཆོག་སོགས་ཀྱི་བརྒྱུད་པ་ནི། དཀོན་ལྷུན་ནས་ཐར་པཎ། དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། དཔལ་ལྡན་ཆོས་སྐྱོང་། དེ་དབོན་རིན་ཆེན་མཆོག་གྲུབ། བླ་མ་ཀུན་དགའ་བསོད་ནམས། བསོད་ནམས་རྒྱལ་མཚན། དགེ་འདུན་རྒྱ་མཚོ། ཀུན་དགའ་བསྟན་འཛིན། ཀུན་དགའ་བསྟན་པའི་རྒྱལ་མཚན་མན་གོང་གཞིན་ནོ།། །། ངག་ཆོས་ཀྱི་གསུང་ངག་ཁོག་དབུབ། དམ་ཚིག་རྣམ་བཤད། སྣང་རྒྱུད་ཁྲིད་ཡིག ། ཕྱི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་བསྡུས། ནང་ལུས་དཀྱིལ་གྱི་རྣམ་བཤད། སེམས་བསྐྱེད་ཆོ་ག །