R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩༧ན
[A:༩༧ན]བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྣལ་འབྱོར་འཇམ་དཔལ་བཟང་པོ་མཆེད་ཞལ་ལས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཤིང། དེ་ལས་གོང་བཤད་ལྟར་དངོས་སློབ་དང་ཡང་སློབ་ཀྱི་ཚོགས་མཐའ་ཡས་པར་གྱེས་པ་ནས་རང་རང་གི་ཐོབ་ཡུལ་གྱི་བརྒྱུད་ཁོངས་འདེད་དེ་ངོས་ཟིན་པར་བྱ་བ་ཡིན་ནོ། ། དེ་རྣམས་ཀྱིས་རིམ་པར་ཕྱེ་བ་གཉིས་པ་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་ནོས་སྐོར་བསྟན་ཟིན་ཏོ།། །།