R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩༦བ
[A:༩༦བ]འགའ་ཐུབ་བསྟན་མཁན་ཆེན་ངག་དབང་བསྟན་རྡོར་གྱི་སྟེང་ནས་གནང་མཁན་ཡང་ཡོད་དོ། ། རྟ་ར་བ་ཀུན་དགའ་ལེགས་གྲུབ་ཀྱི་ལམ་འབྲས་པོད་སྔོན་དང་། དེ་གཉིས་ཀའི་ལུང་རྒྱུན་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་བཞུགས་ཤིང། དེ་ལས་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་གསན་པ་སོགས་གོང་དང་འདྲའམ་སྙམ། ལམ་ཟབ་ནང་མ་དང་བིར་སྲུང་ནང་མ་སོགས་བྱིན་རླབས་སྐོར་ཡོངས་རྫོགས་ཚོགས་སློབ་གཉིས་ཀའི་ཐུན་མོང་བ་ཡིན་པ་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དང་གོ་དོན་ལ་དཔྱད་ན་ཤེས་པས། དེང་སང་ཚོགས་བཤད་ལ་ལམ་ཟབ་ཕྱི་མ་དང་། བིར་སྲུང་ཐུན་མོང་བ་ཙམ་ལས་གཞན་མི་གནང་བ་ནི་ཕྱག་ལེན་སླ་ཆོས་ཀྱི་ཤན་ཤོར་བ་ལ་སློབ་བཤད་ཟབ་མོའི་ཁྱད་ཆོས་ཁོ་ན་ཡིན་པར་མ་སེམས་ཤིག་ཅེས་བློ་གཏེར་ཞབས་ཀྱིས་གསུངས། དེ་ལྟར་གོང་དུ་ཇི་སྐད་བཤད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཚོགས་བཤད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པ་མ་ཚང་བ་མེད་པར་མཁན་ཆེན་རྡོ་རྗེ་འཆང་