R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩༩བ
[A:༩༩བ]རྣམ་དག་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། ། བྱང་ཆུབ་སྤྱོད་པའི་ས་བོན་ལེགས་བཟུང་ནས། ། གསང་ཆེན་བསྟན་པའི་འབྲས་བུ་གཡུར་ཟ་བ། ། ཡོངས་འཛིན་དཔག་བསམ་དབང་པོ་ཁྱོད་ཉིད་བསྔགས། ། གང་ཐུགས་ཐུགས་རྗེའི་རླུང་གིས་བསྐྱོད་པའི་མཐུས། ། འཕགས་ཡུལ་མཁས་གྲུབ་རྒྱ་མཚོའི་ཐུགས་ཀྱི་བཅུད། ། མཆོག་ཐུན་དངོས་གྲུབ་འགུགས་པའི་གདམས་པའི་ཚོགས། ། ཇི་སྙེད་ཐོབ་རྣམས་ཇི་ལྟ་བ་བཞིན་འབྲི། ། ཞེས་མཆོད་ཚིག་དང་། དམ་བཅས་སྔོན་བསུས་ནས། འདིར་མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོའི་ཐུགས་སྲས་དམ་པ་ངོར་ཁང་གསར་གྱི་ཞབས་དྲུང་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བློ་གྲོས་བསྟན་འཛིན་སྙིང་པོའི་ཞལ་སྔ་ནས། སྒྲུབ་ཐབས་ཀུན་ལས་བཏུས་པ་གཙོ་བོར་གྱུར་པའི་དམ་པའི་ཆོས་ཇི་སྙེད་ཐོབ་པ་རྣམས་རིམ་པར་འབྲི་བ་ནི། སྔར་སྨོས་པ་ལྟར་གསུང་ངག་ལམ་འབྲས་སློབ་བཤད་སྐབས་ཀྱི་མེད་ཐབས་མེད་པའི་ཆོས་ཚན་རྣམས་གཅིག་ཏུ་བསྡུས་