[A:༡༠༠ན]པའི་སྡེ་པར་པུསྟ་ཀཿབཅུ་བདུན་ཁ་སྐོང་བཅས་ཀྱི་ལུང་དང། རྒྱུད་བཤད་ཀྱི་སྐོར་རྣམས་ཀྱི་བཤད་ལུང་། དེ་འབྲེལ་ཉེར་མཁོའི་ཡི་དམ་སྣ་ཚོགས་ཀྱི་རྗེས་གནང་། སྒྲུབ་ཐབས་སོགས་ཀྱི་ལུང་མཐའ་དག་རྡོ་རྗེ་འཆང་གི་བཀའ་བཞིན་རྗེ་འདི་ཉིད་ཀྱིས་གནང་ཞིང་། དེ་སྐབས་དཔལ་ངན་སོང་སྦྱོང་བའི་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཞེས་དོན་དམ་བདེན་པ་གཙོ་བོར་སྟོན་པའི་དཀྱིལ་འཁོར་དྲུག །ཀུན་རྫོབ་བདེན་པ་གཙོ་བོར་སྟོན་པའི་དཀྱིལ་འཁོར་དྲུག་སྟེ་བཅུ་གཉིས་ལས། དང་པོ་ནི། ཀུན་རིག་རྩ་བའི་དཀྱིལ་འཁོར། ཤཱཀྱ་ཐུབ་པའི་སྐུའི་དཀྱིལ་འཁོར། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར། མེ་ལྟར་འབར་བ་ཡོན་ཏན་གྱི་དཀྱིལ་འཁོར། འཁོར་ལོས་སྒྱུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཏེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག །
གཉིས་པ་ནི། ཕྱག་ན་རྡོ་རྗེ་ལ་རྒྱལ་ཆེན་བཞིས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་